ཉི་འོད་ཀྱི་རྒྱབ་ལོགས།PDF
དུས་ཚོད།:2018-10-1  |   རྩོམ་པ་པོ།:བྱ་གཞུང་དབྱངས་བྷ།   |   ཁུངས།:  |   ཀློག་ལྟ།:1584  |   དཔྱད་པ།:0

༅། །ཉི་འོད་ཀྱི་རྒྱབ་ལོགས།
— སྒྲུང་ཐུང《ཉི་འོད་ཀློང་གི་སྒྲོལ་མ》དང《ལམ་གྱི་ཉི་འོད》གཉིས་ཀྱི་གཤིབ་བསྡུར།
དེ་ཡང་དམིགས་བུའི་སྒྲུང་ཐུང《ཉི་འོད་ཀློང་གི་སྒྲོལ་མ》(2007ལོའ་ི སྦྲང་ཆར་དེབ་དང་པོ།)དང་ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང《ལམ་གྱི་ཉི་འོད》(ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཕྱོགས་སྒྲིག《ལམ་གྱི་ཉི་འོད》)གཉིས་ནི། བསམ་བློའ་ིཟབ་ཚད་དང་སྒྱུ་རྩལ་གྱི་མཐོ་ཚད་གང་ནས་བཤད་ཀྱང་བོད་ཀྱི་དེང་རབས་སྒྲུང་གཏམ་ཁྲོད་ཅུང་གཟེངས་སུ་ཐོན་པའི་བརྩམས་ཆོས་ཀྱི་གྲས་སུ་བགྲང་ཆོག་སྙམ། སྒྲུང་ཐུང་འདི་གཉིས་ཀྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ལ་གཤིབ་བསྡུར་དང་དཔྱད་འཇོག་རོབ་ཙམ་བྱ་བ་ནས་བརྩམས་ཏེ། རྩོམ་རིག་གི་གནད་དོན་རེ་གཉིས་ཤིག་མོས་མཐུན་རྣམས་དང་བགྲོ་གླེང་བ་ལ།
དང་པོ། བུད་མེད། སྒྲུང་གཏམ་འདི་གཉིས་ཀའི་མི་སྣ་གཙོ་བོ་བུད་མེད་ཡིན་ཏེ། 《ཉི་འོད་ཀློང་གི་སྒྲོལ་མ》ལས་སྒྲོལ་མ་དང《ལམ་གྱི་ཉི་འོད》 ལས་ལྷ་མཛེས་སོ། །དེ་བས། སྒྲུང་གཏམ་འདི་གཉིས་ཀ“བུད་མེད་ཀྱི་གནད་དོན”མཚོན་པའི་སྒྲུང་གཏམ་ཡིན་པར་བལྟས་ཆོག་སྙམ། དེ་ལ་དགོས་པ་ལྷག་པོ་ག་རེ་ཡོད་དམ་ཞེ་ན། བུད་མེད་ནི་མི་རིགས་སམ་མིའི་རིགས་ཀྱི་སྐྱེད་ཡུམ་ཡིན་པའི་ངོས་ནས། རིགས་ཀྱི་རྩ་བ། ཁྱིམ་གྱི་གཞིས་འཛིན། སྤྱི་ཚོགས་ཀྱི་རྨང་རྡོ། བུ་སྐྱོང་སློབ་གསོའ་ི གཞི་མ་སོགས་མདོར་ན་མི་རིགས་སམ་མིའི་རིགས་མ་འོངས་པར་བཟང་ངན་གང་འདྲར་འགྱུར་བའི་རྒྱལ་ཕམ་གྱི་འགག་རྩར་གྱུར་ཡོད་པ་དེའོ། །དེའི་དབང་གིས། “བུད་མེད་ཀྱི་གནད་དོན”ལ་བསམ་གཞིག་བྱེད་པ་ནི་དོན་དུ་མི་རིགས་སམ་མིའི་རིགས་ཀྱི་མ་འོངས་པར་བསམ་གཞིག་བྱེད་པ་ཉིད་དང་། དེ་བཞིན་བུད་མེད་ཀྱི་ལས་དབང་ལ་དོ་ཁུར་བྱེད་པ་ནི་དོན་དུ་མི་རིགས་དང་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱེད་པ་ཉིད་དོ། །དེ་ལྟའི་དོན་སྙིང་ལ་བསམས་ཚེ། སྒྲུང་གཏམ་འདི་གཉིས་བྱ་གཞུང་དབྱངས་བྷ་ལགས་ནི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དགེ་རྒན་ཡིན།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཤིབ་བསྡུར་གྱི་ཐབས་ལ་བརྟེན་ནས། སྒྲུང་ཐུང《ཉི་འོད་ཀློང་གི་སྒྲོལ་མ》དང《ལམ་གྱི་ཉི་འོད》གཉིས་ལས་མངོན་པའི་བུད་མེད་དང་དེ་འབྲེལ་གྱི་གནད་དོན་སྐོར་དང་། སྐྱོ་གར་དང་ཉམས་སྟབས་སོགས་རྩོམ་རིག་གི་གནད་དོན་ཁག་ཅིག་ལ་དཔྱད་པ་རགས་ཙམ་བཏང་ཡོད།
[གནད་ཚིག] བུད་མེད། འགྱུར་ལྡོག སྐྱོ་གར། ཉམས་སྟབས།
བྱ་གཞུང་དབྱངས་བྷ།

རྒྱས་བ་PDFཔར་གཞིར་གཟིགས་རོགས།

རྩོམ་སྒྲིག་པ།རྡོ་ཆེན།