གཡུང་དྲུང་བོན་གྱི་ཚད་མ་རིག་པའི་བྱུང་འཕེལ་མདོ་ཙམ་གླེང་བ།PDF
དུས་ཚོད།:2018-10-1  |   རྩོམ་པ་པོ།:བསོད་ནམས་ནོར་བུ།   |   ཁུངས།:  |   ཀློག་ལྟ།:875  |   དཔྱད་པ།:0

༄༅། །གཡུང་དྲུང་བོན་གྱི་ཚད་མ་རིག་པའི་བྱུང་འཕེལ་མདོ་ཙམ་གླེང་བ།
དང་པོ། གཡུང་དྲུང་བོན་གྱི་ཚད་མ་རིག་པའི་བྱུང་ཚུལ་སྤྱི་བཤད་པ། དེ་ཡང་བོན་ལུགས་ལྟར་ན་ཚད་མ་རིག་པ་ནི་རིག་གནས་ཆེ་བ་ལྔའི་ཡ་གྱལ་སྒྲ་རིག་པའི་ཁོངས་སུ་གཏོགས་ལ། དེ་ཇི་ལྟར་བྱུང་འཕེལ་གྱི་རིམ་པ་ནི། བོན་གྱི་བསྟན་རྩིས་ལས་འདས་ལོ་ཉུང་བ་ལྟར་ན་མི་ལོ12424[1] སྟེ་ཤིང་ཕོ་བྱི་བའི་ལོ་ལ་སྟོན་པ་གཤེན་རབ་མི་བོ་ཆེ་དེ་ཉིད་ཞང་ཞུང་འོལ་མོ་ལུང་རིང་དུ་ཡབ་དམུ་རིགས་ཀྱི་རྒྱལ་བོན་ཐོད་དཀར་དང་། ཡུམ་ཡོ་ཕྱི་རྒྱལ་བཞད་མའི་སྲས་སུ་སྐུ་བལྟམས་པ་ནས་རིམ་གྱིས་བཀའ་འཁོར་ཐོག་མཐའ་བར་གསུམ་བསྐོར་ཅིང་།བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ། ལུང་ཐེག་པ་རིམ་དགུ་སོགས་འཁོར་རྣམས་ལ་བསྟན་ནས་གདོད་མའི་བོན་གྱི་ཆོས་ལུགས་དེ་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བའི་གཡུང་དྲུང་བོན་དུ་བསྒྱུར་པར་གནང་། དེ་ནས་སྟོན་པའི་གཤེན་ལོ་བཅུ་པར་རི་གཡུང་དྲུང་དགུ་རྩེགས་སུ་ཕེབས་ཏེ། ཡེ་མཁྱེན་སྒྲ་ལྷའི་རྒྱལ་པོའ་ི དགོངས་པ་བཞིན་ཐུགས་སྲས་རྨ་ལོ་དང་གཡུ་ལོ་ལ་སྒྲ་རིག་སྐད་འགྱུར་སོ་སོའ་ི བོན་དང་། ཚད་མའི་གཞུང་སོགས་གསུངས་ཏེ། འགྲོ་འདུལ་འོད་ཟེར་གྱི་སྲས་བསོད་ནམས་ནོར་བུ་ལགས་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའ་ིབོད་རིག་པའི་ཞིབ་འཇུག་སློབ་གླིང་གི2011ལོའ་ིརབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
[ནང་དོན་གནད་བསྡུས།] རྩོམ་འདིར་བོན་གྱི་རིག་གཞུང་ཁྲོད་བཀོད་པའི་ཚད་མའི་ལོ་རྒྱུས་ཁག་གཞིར་བཟུང་སྟེ། གཡུང་དྲུང་བོན་གྱི་ཚད་མ་རིག་པའི་བྱུང་ཚུལ་སྤྱི་དང་། དེ་ནས་བོད་ཡུལ་དུ་བོན་གྱི་ཚད་མ་རིག་པ་ཇི་ལྟར་དར་བའི་ཚུལ་དང་། ལྷག་པར་དུ་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་བཟུང་སྟེ་གཡུང་དྲུང་བོན་གྱི་ཚད་མའི་འཆད་ཉན་ཇི་ལྟར་སྤེལ་ཚུལ་སྐོར་རོབ་ཙམ་གླེང་ཡོད་།
[གནད་ཚིག] གཡུང་དྲུང་བོན། ཚད་མ། བྱུང་འཕེལ།
བསོད་ནམས་ནོར་བུ།

རྒྱས་བ་PDFཔར་གཞིར་གཟིགས་རོགས།

རྩོམ་སྒྲིག་པ།རྡོ་ཆེན།