བོད་ཀྱི་ལོ་རྒྱུས་སྟེང་གི་སྒ་འ་ཞའམ་འ་ཞ་རྒྱལ་ཕྲན་གྱི་སྐོར་ལ་དཔྱད་པ།PDF
དུས་ཚོད།:2018-9-30  |   རྩོམ་པ་པོ།:   |   ཁུངས།:  |   ཀློག་ལྟ།:952  |   དཔྱད་པ།:0

༄༅། །བོད་ཀྱི་ལོ་རྒྱུས་སྟེང་གི་སྒ་འ་ཞའམ་འ་ཞ་རྒྱལ་ཕྲན་གྱི་སྐོར་ལ་དཔྱད་པ།
རྒྱལ་མོ་འབྲུག་པ་ལགས་ནི་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གི་འགན་འཛིན་པ་དང་ཞུས་ཆེན་པ་ཡིན།
དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་སྒ་འ་ཞའམ་སེ་འ་ཞ་ཞེས་སྐབས་སྐབས་སུ་མཐོང་རྒྱུ་ཡོད་ལ། ཡང་བོད་ཀྱི་རྡོ་རིངས་ཡི་གེ་དང་ཏུན་ཧོང་གཏེར་ཡིག་སོགས་སུའང་འ་ཞ་རྗེ་དང་དབོན་འ་ཞ་རྗེའམ་འ་ཞའི་ཡུལ་ཟེར་བའི་མིང་དང་ལོ་རྒྱུས་ཡང་མང་དུ་འབྱུང་བ་དང་། དེ་མིན་རྒྱའི་ཡིག་ཚང་ནང་བཀོད་པའི་ཐུའུ་ཡུས་ཧོན་ཟེར་བའི་ལོ་རྒྱུས་ལ་ཡང་དེང་སང་གི་བོད་རྒྱའི་འགྱུར་ཡིག་ནང་འ་ཞ་ཞེས་བཀོད་ཡོད་པ་དང་། ཡང་རང་རེའི་ཡིག་ཚང་རྙིང་པ་རྣམས་སུ་རྒྱས་ཟེར་བའི་ཐུའུ་ཡུས་ཧོན་ལ་སྐབས་འགར་ཐུ་ལུ་ཧུན་དང་ཡང་ལ་ལར་གྲུ་གུ་ཞེས་ཀྱང་བཀོད། དེས་ན་བོད་ཀྱིས་འ་ཞར་འབོད་པའི་རིགས་རུས་དེ་དང་ཐུ་ལུ་ཧུན་ཟེར་བ་གཉིས་ཡང་སྙིང་འབྲེལ་བ་གང་ཞིག་ཡིན་འདོད་ན་འདིར་ཅུང་ཟད་དཔྱད་དེ་བརྗོད་པར་བྱའོ། །
དང་པོ། སྒ་འ་ཞའམ་སེ་འ་ཞའི་སྐོར་བཤད་པ། སྤྱིར་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་ཆེ་བའི་ནང་འ་ཞ་ནི་གཙོ་བོ་བོད་ཀྱི་རིགས་རུས་ཆེན་པོ་བཞིའི་ནང་ཚན་སེའི་ནང་གསེས་ཀྱི་སྒའི་རྒྱུད་པ་ཡིན་པར་བཤད་དེ། བོད་ཀྱི་ལོ་རྒྱུས་ཡིག་རྙིང《མིའུ་རིགས་བཞི་ལྷ་སེལ་ལྷ་མཆོད་རྒྱས་པ》ཞེས་པར།“མི་ལ་མིའུ་རིགས་བཞི་སྲིད།.......།སེ་དང་འ་ཞ་གཉིས།”ཞེས་དང་། ཡང“སེ་འ་ཞའི་ལྷ་སྐལ་དུ། ཐོག་ཐོག་ལྕམ་དྲལ་ཐོབ།”[1]ཅེས་བཀོད་ཡོད་ལ། 《རུས་ཡིག་སྣ་ཚོགས་པ་པད་མ་དཀར་པོའ་ིསྐྱེད་ཚལ》ཞེས་པ་ལས། “གནའ་བོའ་ིརྗེ་གཉའ་ཁྲི་བཙན་པོ་ཡན་ཆད་ཀྱི་རྒྱལ་ཕྲན་བཅུ་གཉིས་བྱུང་བ་དེ་རྣམས་ཡུལ་མི་ཉག་ནས་ལྡོང་རིགས་དང་། དེ་བཞིན་སུམ་བྷ་རྒྱལ་མོ་འབྲུག་པ།
[ནང་དོན་གནད་བསྡུས།] བོད་ཀྱི་ལོ་རྒྱུསུ ་ལས་བྱུང་བའི་སྒ་འ་ཞ་དང་འ་ཞ་རྒྱལ་ཕྲན་ཞེས་པ་གང་ལ་ངོས་འཛིན་པ་དང་། དེ་དང་ཐུ་ལུ་ཧུན་གཉིས་བར་དུ་འབྲེལ་བ་ཡོད་མེད། འ་ཞའི་ཡུལ་གྱི་ལྟེ་བ་དང་མི་སྡེ་ལྷག་མ་གང་ལ་འཐོར་ཚུལ་བཅས་ལ་ལན་གསལ་པོར་བཏབ་ཡོད།
[གནད་ཚིག] འ་ཞ་རྒྱལ་ཕྲན། སྒ་འ་ཞ། ། མཐོང་ཁྱབ་སྡེ་དགུ། འ་ཞ་སྡེ་དྲུག

རྒྱས་བ་PDFཔར་གཞིར་གཟིགས་རོགས།

རྩོམ་སྒྲིག་པ།རྡོ་ཆེན།