ཨ་རིག་གླེན་པའི་གཏམ་རྒྱུད་ལས་འཕྲོས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་མི་ཆོས་བསམ་བློའ་ིསྐོར་ལ་རགས་ཙམ་དཔྱད་པ།PDF
དུས་ཚོད།:2018-9-29  |   རྩོམ་པ་པོ།: དབང་མོ་སྐྱིད།   |   ཁུངས།:  |   ཀློག་ལྟ།:769  |   དཔྱད་པ།:0

༄༅། །ཨ་རིག་གླེན་པའི་གཏམ་རྒྱུད་ལས་འཕྲོས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་མི་ཆོས་བསམ་བློའ་ིསྐོར་ལ་རགས་ཙམ་དཔྱད་པ།

དབང་མོ་སྐྱིད།

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ཨ་རིག་གླེན་པའི་གཏམ་རྒྱུད་སྐོར་ལ་མི་ཆོས་རིག་པའི་གཞུང་ལུགས་ཀྱི་ཐབས་སྤྱད་དེ་དཔྱད་པ་རགས་ཙམ་སྤེལ་ཡོད་ལ། དེ་ཡང་གཙོ་བོ་ཨ་རིག་གླེན་པའི་གཏམ་རྒྱུད་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱི་མི་ཆོས་བསམ་བློ་མང་དག་ཅིག་

ཐོན་ཡོད་པ་འདིར་ཁག་ལྔ་ཙམ་བགོས་ནས་དཔྱད་པ་བཏང་ཡོད།

[གནད་ཚིག] ཨ་རིག་གླེན་པ། གཏམ་རྒྱུད། མི་ཆོས་བསམ་བློ།
དབང་མོ་སྐྱིད་ལགས་ཀྱིས་བོད་ལྗོངས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་མཆིས།

གླེང་གཞི།

ཨ་རིག་གླེན་པའི་གཏམ་རྒྱུད་ནི་བོད་ཀྱི་དམངས་ཁྲོད་དུ་ཆེས་དར་ཁྱབ་ཆེ་ཞིང་། སེར་སྐྱ་མང་ཚོགས་ཀྱིས་ཉན་པར་སྤྲོ་བའི་དམངས་ཁྲོད་གཏམ་རྒྱུད་ཅིག་ཡིན་པས། རྩད་གཙོད་དང་རྒྱུས་ལོན་བྱས་པ་ལྟར་ན། ཨ་རིག་གླེན་པའི་གཏམ་རྒྱུད་ཁག་ཨ་མདོ་ཙམ་དུ་མ་ཟད་དབུས་གཙང་དང་ཁམས་ཕྱོགས་ཀྱི་དམངས་ཁྲོད་དུའང་དར་ཁྱབ་ཧ་ཅང་ཆེ་བས། བོད་ཁུལ་དུ་འཚར་ལོངས་བྱུང་ཞིང་དམངས་ཁྲོད་གཏམ་རྒྱུད་ལ་སྤྲོ་བ་ཨེན་ཙམ་ཡོད་པའི་མི་ཞིག་ཡིན་ན་ཨ་རིག་གླེན་པའི་གཏམ་རྒྱུད་ལ་རྣ་ཐོས་མེད་པ་མི་སྲིད། ཨ་རིག་གླེན་པའི་གཏམ་རྒྱུད་ལ་དམངས་ཕལ་བའི་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་པར་རྒྱུ་མཚན་མེད་པ་མ་ཡིན་ཏེ། གཅིག་ནས་གཏམ་རྒྱུད་རང་སྟེང་ནས་དགོད་སྒྲུང་གི་ཁྱད་ཆོས་འབུར་དུ་ཐོན་པས་ཉན་སྤྲོ་བ་དང་། གཉིས་ནས་ཨ་རིག་གླེན་པའི་གཏམ་རྒྱུད་ཁྲོད་དུ་འཇིག་རྟེན་མི་ཆོས་སྐོར་གྱི་གནས་ལུགས་གཏིང་ཟབ་མོ་ཞིག་སྟོན་གྱིན་ཡོད་པས། འདིར་མི་ཆོས་རིག་པའི( 伦理学)གཞུང་ལུགས་ཀྱི་ཐབས་སྤྱད་དེ་ཨ་རིག་གླེན་པའི་གཏམ་རྒྱུད་ལ་དཔྱད་པ་སྤེལ་ཡོད་ལ། དེ་ཡང་གཙོ་བོ་ཨ་རིག་གླེན་པའི་གཏམ་རྒྱུད་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱི་མི་ཆོས་བསམ་བློ་མང་དག་ཅིག་ཐོན་ཡོད་པ་ཁག་ལྔར་བགོས་ནས་གླེང་བར་བྱའོ། །

རྒྱས་བ་PDF་པར་གཞི་ལ་གཟིགས་རོགས།

རྩོམ་སྒྲིག་པ།རྡོ་ཆེན།