རྟགས་འཇུག་གི་སྙིང་བོ་རིག་བྱེད་སྒོ་མོའི་འབབ་སྟེགས་ཞེས་བྱ་བ་བཞུགས་སོ།། ༣
དུས་ཚོད།:2018-12-8  |   རྩོམ་པ་པོ།:རྒན་བདེ་མཆོག   |   ཁུངས།:  |   ཀློག་ལྟ།:954  |   དཔྱད་པ།:0

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ། བོད་ཀྱི་བརྡ་སྤྲོད་རིག་པའི་ཆེད་མཁས་པ། མཚོ་སྔོན་ཞིང་ཆེན་གནའ་དཔེ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། རྒན་བདེ་མཆོག་ལགས་ནི་སྤྱི་ལོ1941ལོར་མདོ་སྨད་ཞོན་ཧྭ་ས་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བདུན་ནས་བཟུང་བིས་མདོ་དགོན་དུ་སློབ་གཉེར་གྱི་དབུ་ཚུགས་ཏེ་ནང་དོན་རིག་པ་གཙོ་བྱས་པའི་བོད་ཀྱི་རིག་གནས་ཀུན་ལ་ནང་བྱན་ཆུད་ཅིང་། སྒོས་སུ་བོད་གངས་ཅན་ཡུལ་གྱི་བརྡ་སྤྲོད་རིག་པ་ལ་ཞིབ་འཇུག་རྡོ་རུས་ཐུག་པ་གནང་སྟེ་མཚན་སྙན་གྱི་བ་དན་ཕྱོགས་ཀུན་ཁྱབ། ད་ལྟ་ཁོང་ཉིད་ལས་འཁྱུར་ངལ་གསོ་མཛད་ཡོད་ནའང་། བཀའ་བསྟན་ཞིབ་བསྡུར་བྱེད་པའི་ཞོར་ལ་གཞན་ཕན་གྱི་ལས་དོན་འབའ་ཞིག་གཉེར་ནས་བོད་སྐད་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན། དགོན་སྡེ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་ཕྱོགས་སོ་སོའི་གདན་ཞུ་ལྟར་གང་ལ་དེ་འཚམ་གྱིས་སློབ་ཁྲིད་གནང་བཞིན་བཞུགས་ལགས་སོ།། རྩོམ་སྒྲིག་པ།