ནང་དོན་རིག་པའི་སྤྱི་བཤད། བཞི་པ། གྲུབ་མཐའ་སྨྲ་བ་བཞི།
དུས་ཚོད།:2018-11-29  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1203  |   དཔྱད་པ།:0

 གྲུབ་མཐའ་སྨྲ་བ་བཞི་ནི་ནང་བ་སངས་རྒྱས་པའི་ལུགས་ཀྱི་གྲུབ་མཐའ་ཀུན་གྱི་རྩ་བའི་སྡམ་ལྟ་བུ་ཡིན་པ་དང་། དེའི་བྱུང་བ་ནི། སྟོན་པ་ཞལ་བཞུགས་དུས་ནས་ཡོད་པ་ཞིག་མིན་པར།  ནང་བསྟན་ལོ་རྒྱུས་འཕེལ་བའི་གོ་རིམ་ཁྲོད་རིམ་གྱིས་བྱུང་བ་ཞིག་རེད། དེ་ཡང་མཁན་པོ་སོ་སོའི་ལྟ་བ་དང་། ས་གནས་ཁག་གི་ཡུལ་སྲོལ་གོམས་གཤིས། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་སོགས་ཀྱི་ཤུགས་རྐྱེན་འོག ནང་བསྟན་གྱི་གཞུང་དོན་ཐད་གོ་བ་ལེན་ཚུལ་སྣ་ཚོགས་ཤིག་བྱུང་བར་མ་ཟད། ད་དུང་། བྱེ་བྲག་གི་གཞུང་དོན་དང་ལྟ་བ་འགའ་སངས་རྒྱས་ཀྱི་དགོངས་པ་དང་མཐུན་མིན་ལ་རྩོད་པ་མང་དུ་བྱུང་བ་ནི། ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཧ་ཅང་གསལ།
 དེ་བས་ནང་བསྟན་རྒྱུན་འཛིན་མཁས་པ་རྗེས་མ་རྣམས་ཀྱིས། སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་ཕྱག་རྒྱ་བཞིའི(འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ)ནང་དུ་བསྡུས།  ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ཡང་ཕྱག་རྒྱ་བཞི་ཁས་ལེན་མིན་གྱིས་འབྱེད་པ་དང་། སྟོན་པ་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་རྩ་བའི་གྲུབ་མཐའ་བཞིའི་ནང་འདུ་ཞིང་། དེར་མི་འདུ་བའི་ནང་བ་སངས་རྒྱས་ཀྱི་གྲུབ་མཐའ་ལྔ་བ་ཞིག་མེད་པར་བཞེད་དེ། ཕྱག་ན་རྡོ་རྗེས་མཛད་པར་གྲགས་པའི《རྒྱུད་རྡོ་རྗེ་རྩེ་མོ》ལས།  "སངས་རྒྱས་པ་ལ་བཞི་པ་དང་། ལྔ་པ་ཐུབ་པའི་
དགོངས་པ་མིན"ཞེས་གསུངས་བ་ལྟར་རོ། ། གཤམ་དུ་རེ་རེ་གཞིན་འཆད་པར་བྱ།

རྩོམ་སྒྲིག་པ།རྡོ་ཆེན།