རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ཙོང་ཁ་རི་བོའི་ཉེ་འདབས་ནས་ཚོགས་པ།

    དུས་ཚོད།2017年4月23日  |     ཀློག་ལྟ།1932 |     རྩོམ་པ་པོ། |    ཁུངས།

 

     མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་གྲ་སྒྲིག་ཚན་ཆུང་གིས་རོགས་སྒྲུབ་མཛད་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ༢༠༡༧ལོའི་ཟླ༤པའི་ཚེས༡༤ཉིན་ནས་ཚེས༡༦བར་མཚོ་སྔོན་ཙོང་ཁའི་ཡུལ་གྱི་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས།

     ཚོགས་འདུ་འདི་ནི་དེ་སྔའི་ཡུན་ནན་ཞིང་ཆེན་གྱི་ཏང་གཙོ་གཞོན་བའམ་ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། ཀྲུང་གོའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཧྲུའུ་ཅུ་ལགས་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྒྱལ་ཁབ་རིམ་པའི་མཚན་ལྡན་དགེ་རྒན། སྐད་གྲགས་ཆེ་བའི་བོད་ཀྱི་ཡིག་གཟུགས་པ་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་བསོད་ནམས་དོན་གྲུབ། གཟན་དཀར་རིན་པོ་ཆེའི་དྲུང་ཡིག་ཧྥན་ཝེ།མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་ཧྲུའུ་ཅུ་མ་ཎི་འབུམ། གཙོས་ཤེས་རབ་རྒྱ་མཚོ། རྒན་ལྷག་པ་ཚེ་རིང་། རྒན་སྤེན་ནོར། རྒན་རྒྱལ་མཚན། རྒན་བསྟན་འཛིན་ལགས་བཅས་དང་། གཞན་ཟི་ལིང་གི་ཁེ་ལས་པ་གྲགས་ཅན་པེ་ཙོན་སོགས་ཀྱི་མགོ་ཁྲིད་དང་ཐུགས་ཁུར་རྒྱབ་སྐྱོར་འོག་ལེགས་སྒྲུབ་མཛད་པའི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུ་གལ་ཆེན་ཞིག་ཡིན། བགྲོ་གླེང་ཚོགས་འདུ་འདིར་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་བོད་ཀྱི་མཁས་དབང་དང་ཡིག་མཁན་བརྒྱ་ཕྲག་ལྷག་དང་། བོད་ཀྱི་རིག་གནས་ལས་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཁེ་ལས་པ་ཆེན་མོ། བོད་ཀྱི་ཕྱི་རབས་པའི་དཔུང་སྡེ་མཚོན་པའི་སློབ་གླིང་གི་སློབ་མ་དང་བཅས་སྡོམ་པས་མི་གྲངས་སུམ་བརྒྱ་ལྷག་བགྲོ་གླེང་མཛད་སྒོར་ཞུགས།

    ཉིན་གསུམ་གྱི་བྱ་བའི་ཁྲོད་“ཕུལ་དུ་བྱུང་བའི་མི་རིགས་རིག་གནས་རྒྱུན་འཛིན་དང་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དར་སྤེལ་གཏོང་བ”བརྗོད་གཞིར་བཟུང་ནས་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་མཁས་པའི་གསུང་གླེང་དང་། རྒྱུད་ལྡན་བོད་ཀྱི་ཡིག་གཟུགས་མཁས་པའི་བརྩམས་ཆོས་འགྲེམ་སྟོན། ཡིག་གཟུགས་དུས་ཆེན་གྱི་ཉིན་མོ་དང་མིང་འདོགས་གྲོས་བསྡུར་གཏན་འབེབས། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ལས་འཛིན་མི་སྣ་བསྐོ་བཞག་སོགས་བྱས་པ་རེད།

   ཉིན་གསུམ་རིང་གི་བགྲོ་གླེང་བྱེད་སྒོའི་ཐོག་མཐའ་བར་གསུམ་ལ་གཞིགས་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་བློ་མཐུན་ཞིའུ་ཅིན་ཕེན་གྱི་གལ་ཆེའི་གསུང་བཤད་ལག་ལེན་མཐན་ཕྱིན་གྱི་སྒོ་ནས་འཚོགས་པ་མ་ཟད།  མི་རིགས་རིག་གནས་དར་རྒྱས་ཀྱི་ཐད་བརྗོད་གཞི་གསལ་ཞིང་ཚོགས་རིམ་ཚགས་དམ་ལ་ནང་དོན་ཕུན་སུམ་ཚོགས་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་འདུ་ཞིག་དང་། མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད་ཀྱི་ཚོགས་འདུ་ཞིག་ཀྱང་ཡིན།  ལྷག་པར་དུ་བོད་ཀྱི་ཡིག་གཟུགས་རིག་གནས་འཛིན་སྐྱོང་གི་ཐད་ཆོལ་གསུམ་བོད་པ་སྤྱི་དང་སྒོས་སུ་ས་དགེ་བཀའ་རྙིང་དང་གཡུང་དྲུང་བོན་ལ་སོགས་པའི་གྲུབ་མཐའ་ཁག་ལ་རིས་མེད་འདྲ་མཉམ་དང་མཐུན་སྒྲིལ་ཡར་ཐོན། ཕན་ཚུན་བརྩི་བཀུར་ལྡན་པ་སོགས་ནི་བགྲོ་གླེང་ཚོགས་འདུའི་མངོན་གསལ་དོད་པའི་ཁྱད་ཆོས་ཡིན་ནོ།།

  

བགྲོ་གླེང་ལྟ་གོན་ཚོགས་འདུའི་ཡུལ་དངོས་འདྲ་པར།

研讨会开幕式现场

 

 མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཏང་གཙོ་ཀྲའོ་ཡན་ཝོའུ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

青海民族大学ི党委书记赵燕武讲话

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་གླིང་གཙོ། འབུམ་རམས་པ། སློབ་དཔོན་ཆེན་མོ་ཟླ་བ་ལགས་ཀྱིས་ཤིས་ཚིག་འབུལ་བཞིན་པ།

青海民族大学藏学院院长、博士、达哇教授致辞

དང་པོ། བགྲོ་གླེང་ཚོགས་འདུའི་གསུང་གླེང་གི་གོ་རིམ། 研讨会开幕式交流发言(按发言顺序排列)

 

དེ་སྔའི་ཡུན་ནན་ཞིང་ཆེན་གྱི་ཏང་གཙོ་གཞོན་པའམ་ཀྲུང་གོའི་རྩོམ་རིག་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། ཀྲུང་གོའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཧྲུའུ་ཅུ་ལགས་ནས་གསུང་བཤད་གནང་པ།

原云南省委副书记、中国作协名誉副主席、中国笔会中心会长旦增先生在大会交流

 

བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྒྱལ་ཁབ་རིམ་པའི་མཚན་ལྡན་དགེ་རྒན། སྐད་གྲགས་ཆེ་བའི་བོད་ཀྱི་ཡིག་གཟུགས་པ་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ནས་གསུང་བཤད་གནང་བཞིན་པ།

西藏大学教授、国家级名师、著名书法家朵贡·桑达多杰在大会交流

 

དཀར་མཛེས་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཨུ་ཡོན་དཔག་བསམ་དོན་གྲུབ་ལགས་ཀྱིས་གསུང་བཤད་གནང་བ།

甘孜州书协委员、藏文书法家巴松东珠在大会交流

 

འཇིགས་མེད་བོད་སྨན་ཀུང་སིའི་གཙོ་བདག་དང་། བོད་སྨན་ཆེད་མཁས་འཇིགས་མེད་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བ།

久美藏药集团董事长、藏医专家久美彭措先生在大会交流

 

མཚོ་སྔོན་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་སྐལ་ལྡན་དོན་གྲུབ་ཀྱིས་གསུང་བཤད་གནང་བ།

青海民族大学藏学院博士尕旦东知在大会交流

ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་གཙོ་བདག ཀན་ལྷོའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་རྟ་མགྲིན་མགོན་པོ་ལགས་ཀྱིས་གསུང་བཤད་གནང་བ།

中国藏族书法网创办人、甘南州藏族书法协会副主席兼秘书长旦正贡保先生在大会交流

 

བོད་་ཀྱི་ཡིག་གཟུགས་དུས་ཆེན་རྩ་འཛུགས་ཚོགས་ཆུང་གི་འགན་འཛིན་པ། བོད་ཀྱི་ཡིག་མཁན་དགེ་མང་འཇམ་དཔལ་ལགས་ནས་གསུང་བཤད་གནང་བ།

藏族书法艺术微信平台创办人、中国藏族书法日筹备组成员江白先生在大会交流

གཉིས་པ། བགྲོ་གླེང་ཚོགས་འདུའི་སྐབས་སུ་སློབ་གྲྭའི་རྟེན་མཛོད་ཁང་ལ་ཡིག་གཟུགས་ལེགས་སྐྱེས་འབུལ་བའི་གོ་རིམ། 全藏区书法家向青海民族大学文史陈列馆捐赠书法作品

 

བགྲོ་གླེང་ཚོགས་འདུའི་སྐབས་སློབ་གྲྭའི་རྟེན་མཛོད་ཁང་ལ་ཡིག་གཟུགས་ལེགས་སྐྱེས་འབུལ་བའི་མཛད་སྒོ།

藏族书法家在研讨会后为青海民族大学文史陈列馆捐赠书法作品仪式

 

ལེགས་སྐྱེས་སུ་འབུལ་རྒྱུའི་བརྩམས་ཆོས་སྐོར་ཞིག

部分捐赠作品

 

 

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་ཏང་གཙོའམ་སློབ་དཔོན་ཆེན་མོ་གཞོན་པ་རྒན་མ་ཎི་འབུམ་གྱིས་སློབ་གླིང་གི་ཚབ་བྱས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱི་ཡིག་གཟུགས་ལེགས་སྐྱེས་ལེན་བཞིན་པ།

青海民族大学藏学院总书记、副教授玛乃本代表学校接受西藏大学教授朵贡·桑达多杰先生捐赠的书法作品

འདན་ཚང་དགེ་འདུན་དབང་ཕྱུག་ལགས་ཀྱིས་ཡིག་གཟུགས་བརྩམས་ཆོས་འབུལ་བཞིན་པ།

丹仓更登昂秀为学校捐赠作品

 

 

འཇིགས་མེད་བོད་སྨན་ཀུང་སིའི་གཙོ་བདག་གམ་བོད་སྨན་ཆེད་མཁས་འཇིགས་མེད་ཕུན་ཚོགས་ལགས་ནས་ཡིག་གཟུགས་སུམ་རྐང་མ་འབུལ་བཞིན་པ།

久美藏药集团董事长、藏医专家久美彭措捐赠藏文牌匾

 

བོད་ཀྱི་ཡིག་གཟུགས་པ་རོང་བོ་དགེ་འདུན་དར་རྒྱས་ཀྱིས་ཡིག་གཟུགས་བརྩམས་ཆོས་འབུལ་བཞིན་པ།

藏族书法家更登拉杰为学校捐赠书法作品

ཀན་ལྷོ་ཁུལ་གཙོས་དགོན་པའི་རིག་ཚལ་སློབ་ཆུང་གི་སློབ་གཙོ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་གཙོས་ཤེས་རབ་ལགས་ཀྱིས་ཡིག་གཟུགས་བརྩམས་ཆོས་འབུལ་བཞིན་པ།

甘南州合作寺智乐小学校长、甘南州藏文书法家协会副秘书长泽·喜绕加措为学校捐赠书法作品

 

ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། བོད་ཀྱི་ཡིག་གཟུགས་པ་ཚེ་གྲུབ་ལགས་ཀྱིས་ཡིག་གཟུགས་འབུལ་བཞིན་པ།

甘南州藏族书法家协会理事藏族书法家才智先生为学校捐赠书法作品

ཐང་བསྟན་ཡིག་གཟུགས་སྤྱི་གཉེར་ཁང་གི་འགན་འཛིན་པ། བོད་ཀྱི་ཡིག་གཟུགས་པ་ཐང་དཀར་བསྟན་པས་ཡིག་གཟུགས་འབུལ་བཞིན་པ།

唐旦书法工作室负责人,藏族书法家唐格旦巴为学院捐赠书法作品

གསུམ་པ། བགྲོ་གླེང་ཚོགས་འདུའི་ཡིག་གཟུགས་འགྲེམ་སྟོན་གྱི་གོ་རིམ། 书法展览

 

མཚོ་སྔོན་མི་རིགས་སློབ་ཆེན་རྟེན་མཛོད་ཁང་དུས་རབས་རིམ་བྱུང་གི་བོད་ཀྱི་ཡིག་གཟུགས་ཉར་ཚགས་ལས་སྒྲུབ་ཁང་གི་སྤྱིའི་འགན་ཁུར་པ་གཙོས་ཤེས་རབ་རྒྱ་མཚོས་བསྟན་འཛིན་ཧྲུའུ་ཅུ་ལགས་དང་རྫོགས་ཆེན་བསྟན་བདག་གུར་དགའ་རིན་པོ་ཆེ་རྣམ་གཉིས་ལ་ཐེངས་འདིའི་ཡིག་གཟུགས་བརྩམས་ཆོས་ངོ་སྤྲོད་གནང་བཞིན་པ།  

青海民族大学文史资料馆历代书法征集工作室总负责人泽·喜绕加措向旦增书记、佐欽寺葛噶仁波切介绍作品

 

ལྷ་སའི་ཡིག་གཟུགས་མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་དང་ཀན་ལྷོའི་ཡིག་མཁན་བསོད་ནམས་ཚེ་རིང་། ལྷ་སའི་བུད་མེད་ཡིག་གཟུགས་པ་

གཡང་འཛོམས་བཅས་ནས་ཡིག་གཟུགས་སྒྱུ་རྩལ་ལ་རོལ་མྱོང་གནང་བཞིན་པ།

朵贡·桑达多杰先生在甘南书法家索南才让和拉萨女性书法家央宗的陪同下观赏书法作品

 

རྒན་འཇིགས་མེད་རྒྱལ་མཚན་ལགས་དང་ཀན་ལྷོའི་ཡིག་མཁན་ཆོས་འཁོར་བསྟན་འཛིན་རྣམ་གཉིས་ནས་ཡིག་གཟུགས་ལ་རོལ་མྱོང་གནང་བཞིན་པ།

果洛州吉美坚赞职校校长、青海商贸促进协会会长吉美坚赞先生和甘肃西仓寺藏族著名唐卡艺术家、藏族著名书法家青科·旦增加措在观看参展作品

 

ཡིག་གཟུགས་འགྲེམ་སྟོན་ཡུལ་དངོས་ཀྱི་ཟུར་ཙམ།

书法展厅一角

མཁས་དབང་དང་ཡིག་མཁན་རྣམ་པས་ཡིག་གཟུགས་མཉམ་ཞིབ་དང་དཔྱད་གླེང་མཛད་པའི་གནས་ཚུལ།

众学者、书法家在现场谈讨交流藏族书法技艺

 

ཡིག་གཟུགས་བརྩམས་ཆོས་དཔེ་མཚན་ཅིག

出展书法精品佳作代表

བཞི་བ། ཡིག་གཟུགས་མཁས་དབང་རྣམ་པས་ཡུལ་དངོས་གསར་རྩོམ་གནང་བའི་གོ་རིམ། 现场创作

 

 

ལྷ་སའི་རྒན་རྡོ་དགོན་ལགས་ནས་ཡིག་གཟུགས་འབྲི་ཚུལ་གྱི་མན་ངག་སློབ་སྟོན་གནང་བཞིན་པ།

朵贡·桑达多杰先生在讲解并实地书写

 

མགོ་ལོག་གི་རྒན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ཕྱག་བྲིས་གནང་བཞིནཔ།

久美彭措先生在现场创作

 

མཚོ་སྔོན་གྱི་རྒན་དོན་གྲུབ་ཚེ་རིང་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

青省师大民族师范学院东智才让教授在现场创作

 

ལྷ་སའི་རྒན་བསྟན་འཛིན་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

西藏旦增先生在创作

 

 

མཚོ་སྔོན་གྱི་འདན་ཚང་དགེ་འདུན་དབང་ཕྱུག་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

丹仓更登昂秀在创作

ལྷ་སའི་རྒན་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

西藏久米次成在现场创作

 

 

ཡུལ་ཤུལ་ཁུལ་གྱི་རྒན་འདན་མ་བཀྲ་དགའ་ལགས་ཀྱིས་སྤིར་ལེབ་མཉེན་སྨྱུག་གིས་ཡིག་གཟུགས་བརྩམས་ཆོས་འབྲི་བཞིན་པ།

玉树州书法协会主席扎嘎先生在现场创作

 

ཀན་སུའུ་ནང་བསྟན་སློབ་གླིང་གི་ཡིག་གཟུགས་དགེ་རྒན་འཇིགས་མེད་ཆོས་དར་ལགས་ཀྱིས་ལཉྗའི་མ་ཎི་ཕྱག་བྲིས་གནང་བཞིན་པ།

甘肃省佛学院久美曲旦在现场创作

ཀན་ལྷོའི་ཡིག་མཁན་རྒན་རྟ་མགྲིན་མགོན་པོ་ལགས་ཀྱིས་སྨོན་ལམ་ཡིག་རྒྱུན་གྱི་ལམ་ནས་བཀྲ་ཤིས་བདེ་ལེགས་འབྲི་བཞིན་པ།

中国藏族书法网创办人旦正贡保先生在现场创作

 

མགོ་ལོག་སྡེ་ནང་ས་བྲིས་པ་ངག་བརྩོན་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

果洛德昂萨智传承人恩热在现场创作

 

ཀན་ལྷོའི་གཙོས་དགོན་པའི་ཤེས་རབ་རྒྱ་མཚོ་ལགས་ཀྱིས་འབྲུ་ཚ་ཕྱག་བྲིས་གནང་བ།

甘南泽·喜绕在现场创作

 

ཀན་ལྷོའི་རྒན་རྡོ་བྷ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།

甘南道尔巴在现场创作

ཀན་སུའུ་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་གཞོན་པ་རྒན་སངས་རྒྱས་ཚེ་རིང་ལགས་ཀྱིས་སྨོན་ལམ་ཡིག་རྒྱུན་གྱི་ཕྱག་བྲིས་གནང་བཞིན་པ།

西北民大桑吉才让副教授采用毛兰乌金体在现场创作书法作品

མགོ་ལོག་གི་རྒན་སེང་གེ་དར་རྒྱས་ལགས་ནས་སྡེ་ནང་ས་བྲིས་ཀྱི་ཕྱག་བྲིས་གནང་བཞིན་པ།

果洛桑盖达杰在创作

ཟི་ལིང་གི་ཡིག་མཁན་ཟླ་བ་འོད་ཟེར་གྱིས་འབྲུ་ཚའི་ཡིག་བརྩམས་ཆོས་གསར་རྩོམ་གནང་བཞིན་པ།

国家民族画院唐卡艺术研究员,藏书法家达哇奥赛在现场创作朱匝体作品

མཚོ་ལྷོ་འབའ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གནམ་སྐྱབས་རྒྱལ་གྱིས་ཡུལ་དངོས་ནས་བརྩམས་ཆོས་གསར་རྩོམ་གནང་བཞིན་པ།

同德县民族中学老师南杰加在创作毛兰体书法作品

ལྷ་སའི་བུད་མེད་བྲིས་པ་གཡང་འཛོམས་ཀྱིས་སུག་རིང་བརྩམས་ཆོས་འབྲི་བཞིན་པ།

西藏女性书法家央宗创作徂壤体作品

 

མཚོ་སྔོན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མིའམ་མང་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་གཙང་གཡང་འབུམ་གྱིས་ཡིག་གཟུགས་བརྩམས་ཆོས་འབྲི་བཞིན་པ།

青海书法协会会员、贵南书法协会主席杨本在创作班弹徂壤体书法作品

 

དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དཔག་བསམ་དོན་གྲུབ་ཀྱིས་འབྲུ་ཚའི་བྲིས་ལ་ཐམ་ཀ་རྒྱག་བཞིན་པ།

甘孜州书法协会委员、藏文书法家巴松邓珠在创作朱匝体书法作品

བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཛུབ་སྨྱོན་ལྷག་པ་ཆེ་རིང་གིས་ཡིག་གཟུགས་བརྩམས་ཆོས་འབྲི་བཞིན་པ།

西藏书协副主席祖牛·拉巴次仁在现场创作朱匝体书法作品

 

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཡིག་གཟུགས་དགེ་རྒན་ཁ་གྱ་འཇིགས་མེད་ལགས་ནས་ཝརྟུའི་གཟུངས་སྔགས་འབྲི་བཞིན་པ།

甘肃省佛学院书法老师、甘南州藏文书法协会卡加久美在创作瓦德体书法作品

ལྔ་བ། བགྲོ་གླེང་ཚོགས་འདུའི་ཚན་ཆུང་གླེང་མོལ་གྱི་གོ་རིམ། 研讨会分组讨论

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་རྒན་སྤེན་ནོར་ལགས་ནས་གསུང་གླེང་མཛད་པ།

西藏藏医学院副教授、西藏书协副主席边罗先生在交流发言

 

འདན་ཚང་དགེ་འདུན་དབང་ཕྱུག་ལགས་ཀྱིས་གསུང་གླེང་གནང་བཞིན་པ།

丹仓更登昂秀在交流发言

 

ཀན་ལྷོའི་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་གསུང་གླེང་མཛད་པ།

甘南州藏文书法家协会主席、藏族著名书法家桑吉扎西副教授在交流发言

ལྷ་སའི་རྒན་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱིས་གསུང་གླེང་མཛད་པ།

西藏罗布林卡久美次成先生在交流发言

 

ཀན་སུའུ་མི་རིགས་སློབ་གླིང་གི་རྒན་སྒོམ་པ་བཀྲ་ཤིས་ལགས་ཀྱིས་གསུང་གླེང་གནང་བ།

甘肃民院贡巴扎西教授在交流发言

 

གསུང་གླེང་ལ་གསན་བཞིན་པའི་ཚན་ཆུང་གཉིས་པའི་ཡིག་གཟུགས་མཁས་དབང་རྣམ་པ།

与会书法家在聆听交流发言

མགོ་ལོག་གི་མཛེས་བྲིས་པ་འབྲུ་ཚ་བཀྲ་ཤིས་རྡོ་རྗེ་ལགས་ནས་གསུང་གླེང་མཛད་པ།

果洛州朱匝·扎西多杰在交流发言

 

གཙོས་ཤེས་རབ་རྒྱ་མཚོ་ལགས་ཀྱིས་གསུང་གླེང་གནང་བཞིན་པ།

合作寺智东小学校长泽·喜绕加措在交流发言

 

ཡུལ་ཤུལ་གྱི་རྒན་འདན་མ་བཀྲ་དགའ་ལགས་ཀྱིས་གསུང་གླེང་གནང་བཞིན་པ།

玉树州书法协会主席扎嘎先生在交流发言

ལྷ་སའི་རྒན་ལྷག་པ་ཚེ་རིང་ལགས་ཀྱིས་གསུང་གླེང་གནང་བཞིན་པ།

西藏书协副主席祖牛·拉巴次仁在交流发言

བདུན་པ། ཡིག་གཟུགས་དུས་ཆེན་གྱི་མིང་འདོག་དང་ཉིན་མོ་གཏན་འཁེལ་བཅས་ལ་གྲོས་མོལ་དང། བགྲོ་གླེང་ཚོགས་ཆུང་གི་གནས་ཚུལ་སྤྱི་སྡོམ་སོགས་མཇུག་བསྡུའི་གོ་རིམ། 商议藏族书法日、总结小组讨论等

 

  

བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་མིང་གཏན་འཁེལ་བྱུང་ཞིང་། སྤྱི་ཟླ4ཚེས30བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་ལ་གཏན་འཁེལ་བྱུང་པར་དགའ་བསུ་ཐོབ་པ།

与会人员投票确定的了每年4月30为“中国藏族书法日”

 

སློབ་གླིང་གི་དགེ་རྒན་ཀུན་དགའ་ལགས་ཀྱིས་བགྲོ་གླེང་ཚོགས་ཆུང་དང་པོའི་བགྲོ་གླེང་གནས་ཚུལ་སྤྱི་སྡོམ་གནང་བཞིནཔ།

藏学院更尕副教授在总结第一讨论组研讨结果

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྒན་དགེ་འདུན་ལགས་ཀྱིས་བགྲོ་གླེང་ཚོགས་ཆུང་གཉིས་པའི་བགྲོ་གླེང་གནས་ཚུལ་སྤྱི་སྡོམ་གནང་བཞིན་པ།

青海民大更登教授在全面系统总结第二小组讨论结果

 

མཁས་དབང་གཟན་དཀར་རིན་པོ་ཆེའི་ཐེབས་རྩ་ཚོགས་པའི་ཚབ་ཏུ་བསྟན་འཛིན་ཧྲུའུ་ཅུ་ལགས་ནས་མཚོ་སྔོན་མི་རིགས་སློབ་ཆེན་ལ་

དཔེ་ཆའི་གནང་སྦྱིན་སྩོལ་བཞིན་པ།

旦增书记代表桑噶仁波切基金会向青海民族大学藏学院捐赠图书

ལྷ་སའི་རྒན་བསྟན་འཛིན་ལགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་དང་། བློ་འདྲིའི་ཆེད་མཁས། ཚོགས་གཙོ་དང་དྲུང་ཡིག་བཅས་གདམས་ཐོན་བྱུང་བའི་མཇུག་འབྲས་གསལ་བསྒྲགས་གནང་བཞིན་པ།

西藏书协理事藏族著名书法家旦增先生宣布中国藏族书法协会第一届委员会推荐人选名单

 

མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་གི་ཏང་གཙོ་གཞོན་པ། སློབ་གཙོ་གཞོན་པ་རྒན་གཡང་འབུམ་རྒྱལ་ལགས་ཀྱིས་བགྲོ་གླེང་བྱ་མགུལ་ལ་མཇུག་བསྡུའི་གཏམ་བཤད་གནང་བཞིན་པ།

青海民族大学藏学院副书记、副院长杨巴加致闭幕词

 

སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུའི་དབུ་ཁྲིད་དང་འགན་ཁུར་མི་སྣ།

མདུན་དཀྱིལ་བསྟན་འཛིན་ཧྲུའུ་ཅུ། གཡས་རྡོ་དགོན་གསང་བདག་རྡོ་རྗེ། གཡོན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་བསོད་ནམས་དོན་གྲུབ།

རྒྱབ་གཡས་རིམ་བཞིན།  གཟན་དཀར་རིན་པོ་ཆེའི་དྲུང་ཡིག་ཧྥན་ཝེ །མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་གླིང་གི་ཧྲུའུ་ཅུ་མ་ཎི་འབུམ།  གཙོས་ཤེས་རབ་རྒྱ་མཚོ། རྒན་ལྷག་པ་ཚེ་རིང་། རྒན་སྤེན་ནོར། རྒན་རྒྱལ་མཚན། རྒན་བསྟན་འཛིན་ལགས་བཅས་དང་། གཞན་ཟི་ལིང་གི་ཁེ་ལས་པ་གྲགས་ཅན་པེ་ཙོན་བཅས་སོ།། 

 

 

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོའི་ཚོགས་ཞུགས་མི་སྣ་དགྱེས་འཇོམ་འདྲ་པར།

全体与会领导、学者、著名书法家合影留念

    བརྡ་འཕྲིན།

དཔྱད་གཞིའི་རྒྱུ་ཆ་གནང་མཁན་གྱི་སློབ་གྲྭ་དང་ལས་སྣའི་ཐོ་་་
མཐོ་འབྲིང་སྐད་ཡིག་གི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་་་་
དམའ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་་་
རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་་་་
པད་མ་མངོན་བརྗོད་ཚིག་མཛོད་གསར་སྐྲུན་བྱས་ཟིན།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་་་་
བོད་ཀྱི་ཡིག་གཟུགས་བགྲོ་གླེང་མཚོ་སྔོན་མི་རིགས་སློབ་ཆེ་་་
ཨ་རིའི་ཧ་ཧྥའོ་སློབ་ཆེན་གྱི་ལྷའི་རིག་སློབ་གླིང་གི་དགེ་་་
ཨེ་ཙའུ་ནད་སྔོན་འགོག་བྱེད་ཐབས་སྐོར་གྱི་བྱ་འགུལ་སྤེལ་བ་་་
རྒྱལ་ཡོངས་ཀྱི་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྩོད་་་