སྡེ་ཁག་གི་སྐོར།



 རྒྱ་བོད་ལོ་ཙཱའི་ཁྲིད་དཔྱོད་ཁང་གི་མཚམས་སྦྱོར་མདོར་བསྡུས།

    enlightened ལོ་ཙཱ་རིག་པའི་ཁྲིད་དཔྱོད་ཁང་ལ་མིག་སྔར་དགེ་རྒན་བཞི་ཡོད་པ་སྟེ། རིག་འཛིན་དང་། ཚེ་དབང་རྡོ་རྗེ།  རྡོ་རྗེ་ཐར། རྡོ་རྗེ་ཁྱུང་གྲགས་བཅས་ཡིན། ཁྲིད་དཔྱོད་ཁང་འདིས་གཙོ་བོ་དངོས་གཞི་སློབ་མ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་རྣམས་ལ་རྒྱ་བོད་ལོ་ཙཱའི་གཞུང་ལུགས་དང་ལག་ལེན། བོད་ཀྱི་ལོ་ཙཱའི་ལོ་རྒྱུས། རྒྱ་བོད་བརྡ་སྤྲོད་གཤིབ་བསྡུར། གཞུངཡིག་ལོ་ཙཱ། རྩོམ་རིག་ལོ་ཙཱ། ཚན་རྩལ་ལོ་ཙཱ། རྒྱ་བོད་ངག་སྒྱུར་རིག་པ། རིག་གནས་མིའི་རིགས་རིག་པ་སོགས་ཀྱི་སློབ་ཁྲིད་བྱ་བའི་འགན་ཁུར་ཡོད། མི་མགོ་བཞི་ལས་དགེ་རྒན་ཆེན་མོ༢དང་། དགེ་རྒན་ཆེན་མོ་གཞོན་པ༢བཅས་དང་། ཡང་ན་འབུམ་རམས་པའི་བསླབ་གནས་ཅན༢དང་། འབུམ་རམས་པའི་བསླབ་གནས་གཉེར་བཞིནཔ༡། རབ་འབྱམས་པའི་བསླབ་གནས་ཅན༡བཅས་ཡོད།

རྩོམ་འབྲི་ཁྲིད་དཔྱོད་ཁང་།

   enlightenedརྩོམ་འབྲི་ཁྲིད་དཔྱོད་ཁང་དུ་དགེ་རྒན་གསུམ་ཡོད་པ་སྟེ། རྣམ་སྲས་དང་རྟ་མགྲིན། གཡང་མོ་སྐྱིད་བཅས་ཡིན། གཙོ་བོ་དངོས་གཞི་སློབ་མ་དང་རབ་འབྱམས་པའི་སློབ་མ་རྣམས་ལ་བོད་ཀྱི་དེང་རབས་རྩོམ་རིག་གི་རྩོམ་པ་པོ་དང་བརྩམས་ཆོས་ཞིབ་འཇུག དེང་རབས་རྩོམ་རིག་གི་ཆེད་དོན་ཞིབ་འཇུག དམངས་ཁྲོད་རྩོམ་རིག་གཞུང་ལུགས་ཞིབ་འཇུག  དམངས་ཁྲོད་རྩོམ་རིག་བརྩམས་ཆོས་ཞིབ་འཇུག  རྩོམ་འབྲི་རིག་པ། གནའ་བོའི་ཡིག་རྙིང་། དམངས་ཁྲོད་རྩོམ་རིག་སྤྱི་དོན། བོད་ཀྱི་ལོ་རྒྱུས། སྙན་ངག་སོགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད། དགེ་རྒན་གསུམ་ལས་དགེ་རྒན་ཆེན་མོ༢དང་། འཆད་འཁྲིད་དགེ་རྒན༡  འབུམ་རམས་པའི་བསླབ་གནས་ཡོད་མཁན༡དང་། རབ་འབྱམས་པའི་བསླབ་གནས་ཡོད་མཁན༢བཅས་ཡོད། 

སྐད་བརྡ་རིག་པའི་ཁྲིད་དཔྱོད་ཁང་ །

     enlightenedསྐད་བརྡ་རིག་པའི་ཁྲིད་དཔྱོད་ཁང་ལ་མིག་སྔར་དགེ་རྒན་བཞི་ཡོད་པ་སྟེ། དོན་གྲུབ་ཚེ་རིང་དང་།  ཚེ་རིང་དོན་གྲུབ། ཚེ་དབང་རྡོ་རྗེ། གཡང་དཔལ་འཛོམས་བཅས་ཡིན། ཁྲིད་དཔྱོད་ཁང་འདིས་གཙོ་བོ་དངོས་གཞི་སློབ་མ་དང་རབ་འབྱམས་པའི་རྣམས་ལ་བོད་ཀྱི་བརྡ་སྤྲོད་རིག་པ་དང་། སྐད་བརྡ་རིག་པ། དབྱིན་ཡིག ཡི་གེ་བྱུང་འཕེལ་གྱི་ལོ་རྒྱུས། རིག་གནས་དང་སྐད་བརྡ། བོད་ཀྱི་ཡུལ་སྐད་ཀྱི་རྟོག་དཔྱོད་དང་ཞིབ་འཇུག ལོ་རྒྱུས་སྐད་བརྡ་རིག་པ་སོགས་ཀྱི་སློབ་ཁྲིད་བྱ་བའི་འགན་ཁུར་ཡོད། མི་མགོ་བཞི་ལས་དགེ་རྒན་ཆེན་མོ༡དང་། དགེ་རྒན་ཆེན་མོ་གཞོན་པ༢། འཆད་ཁྲིད་པ༡བཅས་དང་། ཡང་ན་འབུམ་རམས་པའི་བསླབ་གནས་ཅན༢དང་། རབ་འབྱམས་པའི་བསླབ་གནས་ཅན་༢བཅས་ཡོད།  

ཆོས་ལུགས་རིག་པ་དང་གཏན་ཚིགས་རིག་པའི་ཁྲིད་དཔྱོད་ཁང་།

  enlightenedཆོས་ལུགས་རིག་པ་དང་ཚད་མ་རིག་པའི་ཁྲིད་དཔྱོད་ཁང་དུ་དགེ་རྒན་ལྔ་ཡོད་པ་སྟེ།    བསྟན་འཛིན་ཆོས་འཕེལ་དང་དགེ་འདུན།   ཟླ་བ།   དཔལ་མཁར་རྒྱལ།  བསོད་ནམས་རྒྱལ་མཚན་བཅས་ཡིན།   གཙོ་བོ་དངོས་གཞི་སློབ་མ་དང་རབ་འབྱམས་པའི་སློབ་མ།  འབུམ་རམས་པའི་སློབ་མ་རྣམས་ལ་བོད་བརྒྱུད་ནང་བསྟན་གྱི་བསྟན་བཅོས་གྲགས་ཅན་གྱི་ཞིབ་འཇུག  བོད་བརྒྱུད་ནང་བསྟན་གྱི་འཕེལ་འགྱུར་ལོ་རྒྱུས།   ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་དཔྱད་བསྡུར།  བོད་བརྒྱུད་ཚད་མ་རིག་པའི་འཕེལ་འགྱུར་ལོ་རྒྱུས།  བོན་པོའི་ཆོས་ལུགས་ཀྱི་བསྟན་བཅོས་གྲགས་ཅན་གྱི་ཞིབ་འཇུག  བོན་པོའི་ཆོས་ལུགས་ཀྱི་འཕེལ་འགྱུར་ལོ་རྒྱུས།  བསྡུས་གྲྭའི་སྤྱི་དོན།   ཕྱི་ཚུལ་གཏན་ཚིགས་རིག་པ་སོགས་ཀྱི་སློབ་ཁྲིད་བྱེད་བཞིན་ཡོད་། མི་མགོ་ལྔ་ལས་དགེ་རྒན་ཆེན་མོ་༤་དང་དགེ་རྒན་ཆེན་མོ་གཞོན་པ༡   འབུམ་རམས་པའི་བསླབ་གནས་ཡོད་མཁན་༢དང་རབ་འབྱམས་པའི་བསླབ་གནས་ཡོད་མཁན༣བཅས་ཡོད།